དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཞེས་བགྱི་བ་འདི་ལ་བདག་ཀྱང་སྤོབས་པ་སྐྱེའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དོན་གང་གི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དེ་ལ་སྤོབས་པ་སྐྱེད་ཅིག། ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཏུ་ལྟ་བ་རབ་ཏུ་སྤང་བའི་སླད་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་དུ་ལྟ་བ་རབ་ཏུ་སྤང་བ་དང་། སྲོག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། གང་ཟག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། གསོ་བར་ལྟ་བ་རབ་ཏུ་སྤང་བ་དང་། སྐྱེས་བུར་ལྟ་བ་རབ་ཏུ་སྤང་བ་དང་། ཤེད་ཅན་དུ་ལྟ་བ་རབ་ཏུ་སྤང་བ་དང་། ཤེད་བདག་ཏུ་ལྟ་བ་རབ་ཏུ་སྤང་བ་དང་། བྱེད་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། བྱེད་དུ་འཇུག་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། སློང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཡོངས་སུ་སློང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཚོར་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཚོར་དུ་འཇུག་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཤེས་པ་པོར་ལྟ་བ་རབ་ཏུ་སྤང་བ་དང་། མཐོང་བ་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཆད་པར་ལྟ་བ་རབ་ཏུ་སྤང་བ་དང་། རྟག་པར་ལྟ་བ་རབ་ཏུ་སྤང་བ་དང་། ཡོད་པར་ལྟ་བ་རབ་ཏུ་སྤང་བ་དང་། མྱེད་པར་ལྟ་བར་རབ་ཏུ་སྤང་བ་དང་། ཕུང་པོར་ལྟ་བ་རབ་ཏུ་སྤང་བ་དང་། ཁམས་སུ་ལྟ་བ་རབ་ཏུ་སྤང་བ་དང་། སྐྱེ་མཆེད་དུ་ལྟ་བ་རབ་ཏུ་སྤང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་རབ་ཏུ་སྤང་བ་དང་། བདེན་པར་ལྟ་བ་རབ་ཏུ་སྤང་བ་དང་། ཕ་རོལ་ཏུ་ཕྱིན་པར་ལྟ་བ་རབ་ཏུ་སྤང་བ་དང་། སྟོང་པ་ཉིད་དུ་ལྟ་བ་རབ་ཏུ་སྤང་བ་དང་། དྲན་པ་ཉེ་བར་གཞག་པར་ལྟ་བ་རབ་ཏུ་སྤང་བ་དང་། ཡང་དག་པར་སྤོང་བར་ལྟ་བ་རབ་ཏུ་སྤང་བ་དང་། རྫུ་འཕྲུལ་གྱི་རྐང་པར་ལྟ་བ་རབ་ཏུ་སྤང་བ་དང་། དབང་པོར་ལྟ་བ་རབ་ཏུ་སྤང་བ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7587#UT22084-014-001-7587