རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་ཚད་མྱེད་པ་དེ་དག་ཀྱང་དམྱིགས་ལ། ཚད་མྱེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ཀྱང་དམྱིགས་ལ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྣམ་པར་ཐར་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པ་དེ་དག་ཀྱང་དམྱིགས་ལ། རྣམ་པར་ཐར་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་སྟེ་དམྱིགས་པའི་ཚུལ་གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ཀྱང་དམྱིགས་ལ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ཀྱང་དམྱིགས་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། མངོན་པར་ཤེས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་མངོན་པར་ཤེས་པ་དེ་དག་ཀྱང་དམྱིགས་ལ། མངོན་པར་ཤེས་པ་དེ་དག་གིས་ཀྱང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7477#UT22084-014-001-7477