དྲི་སྟོང་པ་མ་ཡིན་གྱི། དྲི་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་དྲིའོ། །​རོའི་སྟོང་པ་ཉིད་ཀྱིས། རོ་སྟོང་པ་མ་ཡིན་གྱི། རོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རོའོ། །​རེག་གི་སྟོང་པ་ཉིད་ཀྱིས། རེག་སྟོང་པ་མ་ཡིན་གྱི། རེག་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རེག་གོ། །​ཆོས་ཀྱི་སྟོང་པ་ཉིད་ཀྱིས། ཆོས་སྟོང་པ་མ་ཡིན་གྱི། ཆོས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཆོས་སོ། །​མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། མིག་གི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །​རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། རྣ་བའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །​སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། སྣའི་རྣམ་པར་ཤེས་པའི་སྟོང་པ་མ་ཡིན་གྱི། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །​ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ལྕེའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །​ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །​ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །​མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས། མིག་གི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །​རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7162#UT22084-014-001-7162