ཆོས་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་སྐབས་མི་འབྱེད་པ་དང་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་བདག་མེད་ཙེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་ཞི་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྟོང་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7151#UT22084-014-001-7151