སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྨོན་པ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མངོན་པར་འདུ་བྱ་བ་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7138#UT22084-014-001-7138