བཅོམ་ལྡན་འདས་ཚོར་བ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཚོར་བ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་ཚོར་བའོ། །​བཅོམ་ལྡན་འདས་འདུ་ཤེས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་ཤེས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་འདུ་ཤེས་སོ། །​བཅོམ་ལྡན་འདས་འདུ་བྱེད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་བྱེད་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་འདུ་བྱེད་དོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །​བཅོམ་ལྡན་འདས་མིག་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མིག་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་མིག་གོ། །བཅོམ་ལྡན་འདས་རྣ་བ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣ་བ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་རྣ་བའོ། །​བཅོམ་ལྡན་འདས་སྣ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སྣ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་སྣའོ། །​བཅོམ་ལྡན་འདས་ལྕེ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ལྕེ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་ལྕེའོ། །​བཅོམ་ལྡན་འདས་ལུས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ལུས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་ལུས་སོ། །​བཅོམ་ལྡན་འདས་ཡིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཡིད་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་ཡིད་དོ། །​བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུགས་སོ། །​བཅོམ་ལྡན་འདས་སྒྲ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སྒྲ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་སྒྲའོ། །​བཅོམ་ལྡན་འདས་དྲི་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། དྲི་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་དྲིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7110#UT22084-014-001-7110