བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། བཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། བཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། བཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཤར་གྱི་ཕྱོགས་མཚམས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-5992#UT22084-014-001-5992