མི་མཐོང་ངོ་། །​རང་གི་མཚན་ཉིད་སྟོང་པ་ཉིད་མི་ཤེས་མི་མཐོང་ངོ་། །​མི་དམིགས་པ་སྟོང་པ་ཉིད་མི་ཤེས་མི་མཐོང་ངོ་། །​དངོས་པོ་མེད་པ་སྟོང་པ་ཉིད་མི་ཤེས་མི་མཐོང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་མི་ཤེས་མི་མཐོང་ངོ་། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་ཤེས་མི་མཐོང་ངོ་། །​དྲན་པ་ཉེ་བར་གཞག་པ་བཞི་མི་ཤེས་མི་མཐོང་ངོ་། །​ཡང་དག་པར་སྤོང་བ་བཞི་མི་ཤེས་མི་མཐོང་ངོ་། །​རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཤེས་མི་མཐོང་ངོ་། །​དབང་པོ་ལྔ་མི་ཤེས་མི་མཐོང་ངོ་། །​སྟོབས་ལྔ་མི་ཤེས་མི་མཐོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་བདུན་མི་ཤེས་མི་མཐོང་ངོ་། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་ཤེས་མི་མཐོང་ངོ་། །​འཕགས་པའི་བདེན་པ་རྣམས་མི་ཤེས་མི་མཐོང་ངོ་། །​བསམ་གཏན་རྣམས་མི་ཤེས་མི་མཐོང་ངོ་། །​ཚད་མེད་པ་རྣམས་མི་ཤེས་མི་མཐོང་ངོ་། །​གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་ཤེས་མི་མཐོང་ངོ་། །​རྣམ་པར་ཐར་པ་བརྒྱད་མི་ཤེས་མི་མཐོང་ངོ་། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་ཤེས་མི་མཐོང་ངོ་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་ཤེས་མི་མཐོང་ངོ་། །​མངོན་པར་ཤེས་པ་རྣམས་མི་ཤེས་མི་མཐོང་ངོ་། །​ཏིང་ངེ་འཛིན་རྣམས་མི་ཤེས་མི་མཐོང་ངོ་། །​གཟུངས་ཀྱི་སྒོ་རྣམས་མི་ཤེས་མི་མཐོང་ངོ་། །​དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་ཤེས་མྱི་མཐོང་ངོ་། །​མྱི་འཇིགས་པ་བཞི་མྱི་ཤེས་མྱི་མཐོང་ངོ་། །​སོ་སོ་ཡང་དག་པར་རིག་པ་བཞི་མྱི་ཤེས་མྱི་མཐོང་ངོ་། །​སྙིང་རྗེ་ཆེན་པོ་མྱི་ཤེས་མྱི་མཐོང་ངོ་། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་ཤེས་མྱི་མཐོང་ངོ་། །དེ་ལྟར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འདོང་བ་སྟེ། དེ་དག་འབྱུང་བ་མ་ཡིན་ནོ། །​གང་ནས་འབྱུང་བ་མ་ཡིན་ཞེ་ན། འདོད་པའི་ཁམས་ནས་འབྱུང་བ་མ་ཡིན་ནོ། །​གཟུགས་ཀྱི་ཁམས་ནས་འབྱུང་བ་མ་ཡིན་ནོ། །​གཟུགས་མེད་པའི་ཁམས་ནས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7063#UT22084-014-001-7063