མངོན་པར་ཞེན་ཏོ། །​སྙིང་རྗེ་ཆེན་པོ་ལ་མངོན་པར་ཞེན་ཏོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ། མངོན་པར་ཞེན་ཏོ། །​དེ་དག་དེ་ལྟར་མངོན་པར་ཞེན་པས། ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་དག་མི་ཤེས་མི་མཐོང་ངོ་། །​ཅི་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ་། །​ཚོར་བ་མི་ཤེས་མི་མཐོང་ངོ་། །​འདུ་ཤེས་མྱི་ཤེས་མི་མཐོང་ངོ་། །​འདུ་བྱེད་མི་ཤེས་མི་མཐོང་ངོ་། །​རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​མིག་མི་ཤེས་མི་མཐོང་ངོ་། །རྣ་བ་མི་ཤེས་མི་མཐོང་ངོ་། །​སྣ་མི་ཤེས་མི་མཐོང་ངོ་། །​ལྕེ་མི་ཤེས་མི་མཐོང་ངོ་། །​ལུས་མྱི་ཤེས་མྱི་མཐོང་ངོ་། །​ཡིད་མི་ཤེས་མི་མཐོང་ངོ་། །​གཟུགས་མི་ཤེས་མི་མཐོང་ངོ་། །​སྒྲ་མི་ཤེས་མི་མཐོང་ངོ་། །​དྲི་མི་ཤེས་མི་མཐོང་ངོ་། །​རོ་མི་ཤེས་མི་མཐོང་ངོ་། །​རེག་མི་ཤེས་མི་མཐོང་ངོ་། །​ཆོས་མི་ཤེས་མི་མཐོང་ངོ་། །​མྱིག་གི་རྣམ་པར་ཤེས་པ་མྱི་ཤེས་མྱི་མཐོང་ངོ་། །​རྣ་བའི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​སྣའི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​ལྕེའི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​ལུས་ཀྱི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​ཡིད་ཀྱི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །​མིག་གི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​རྣ་བའི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​སྣའི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​ལྕེའི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​ལུས་ཀྱི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་མི་ཤེས་མི་མཐོང་ངོ་། །​མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་ཤེས་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་ཤེས་མི་མཐོང་ངོ་། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་ཤེས་མི་མཐོང་ངོ་། །​ལྕེའི་འདུས་ཏེ་རག་པའི་རྐྱེན་ཀྱིས་ཚོར་བ་མི་ཤེས་མི་མཐོང་ངོ་། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7061#UT22084-014-001-7061