སྟོང་པ་ཉིད་མེད། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མི་དམིགས་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མི་དམིགས་པ་སྟོང་པ་ཉིད་མེད། མི་དམིགས་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དངོས་པོ་མེད་པ་སྟོང་པ་ཉིད་མེད། དངོས་པོ་མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ངོ་བོ་ཉིད་སྟོང་པ་ཉིད་མེད། ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​དྲན་པ་ཉེ་བར་གཞག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་སྟོང་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6989#UT22084-014-001-6989