ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལུས་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱིག་གི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མྱིག་གི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6900#UT22084-014-001-6900