དང་། འབྲས་ཆེན་བུ་རམ་ཅན་ལ་སོགས་པ་དང་། མངར་གསུམ་ཟ་ཞིང་བཀླག་པར་བྱའོ། །​དེ་ལྟར་ན་འགྲུབ་པར་འགྱུར་ཏེ། ཐུབ་པའི་རྒྱལ་པོས་གསུངས་པ་བཞིན་དུ་ཐེ་ཚོམ་མེད་པར་བྱའོ། །​འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བྷོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh657/UT22084-064-005-559#UT22084-064-005-559