བ་སྐྱེས་ཏེ་སྡིག་པ་བཤགས་ནས་དྲང་སྲོང་བཟོད་པའི་སྟོབས་ཀྱི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་ཚེ་ངས་ཡོངས་སུ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་བཀོད་དེ། སྐྱེས་བུ་སྟོང་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པར་སྤྱད་པས་མཐར་གྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །​མཽད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་བདུད་སྡིག་པའི་ཡིད་ཀྱིས་སྐྱེས་བུ་སྟོང་བཀྱེ་ནས་ང་ལ་སྤྱོར་བཅུག་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདི་ཉིད་ཡིན་ནོ།​། །​།བམ་པོ་དྲུག་པ་སྟེ་ཐ་མ། གཞན་ཡང་མཽད་གལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་ངས་རང་གི་ལུས་སེམས་ཅན་རྣམས་ལ་ཡོངས་སུ་བཏང་ནས་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱི་བྲན་དང་གཡོག་བྱས་པས་དེའི་ཚེ་སྐྱེ་བོ་མང་པོ་དེ་དག་གིས་ང་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་སྟེ། ཁ་ཅིག་གིས་ནི་ང་བཤང་གཅི་འདོར་དུ་བཅུག་གོ །​ཁ་ཅིག་གིས་ནི་ང་ལུད་འདོར་དུ་བཅུག་གོ །​ཁ་ཅིག་ནི་ངས་འདོར་དུ་བཅུག་གོ །​ཁ་ཅིག་གིས་ནི་ང་རྩྭ་ལེན་དུ་བཏང་ངོ་། །​ཁ་ཅིག་གིས་ནི་ང་འབྲུ་དང་། འོ་མ་དང་། ཞོ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་ལེན་ཏུ་བཏང་ངོ་། །​ཁ་ཅིག་གིས་ནི་ང་ཤིང་དང་། སོལ་བ་དང་། མེ་དང་། ཆུ་ལེན་དུ་བཅུག་སྟེ། འདི་ལྟ་བུ་ལ་སོགས་པའི་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་ཀྱང་། མཽད་གལ་ངས་དེའི་ཚེ་གང་གིས་ང་བཤང་གཅི་འདོར་དུ་བཅུག་པ་དེའི་རྗེས་སུ་མི་བྱའོ་སྙམ་པའི་སེམས་བསྐྱེད་པ་མི་དྲན་ནོ། །​གང་གིས་ང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བཟའ་བ་དང་། བཏུང་བ་དང་། འབྲས་བུ་ལེན་དུ་བཏང་བ་ལས་དེའི་རྗེས་སུ་མ་སོང་བ་མི་དྲན་ནོ། །​མཽད་གལ་གང་གིས་ལེགས་པར་བྱེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་བྱ། ལེགས་པ་མ་ཡིན་པ་བྱེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པ་ངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61/UT22084-042-002-856#UT22084-042-002-856