པ་རྣམས་དང་། མདངས་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་བཙས་པ་ཟ་བ་རྣམས་དང་། སྲོག་འཕྲོག་པ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་ཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། སེམས་འཕྲོག་པ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། གྲུལ་བུམ་གྱི་གདོན་རྣམས་དང་། སྲུལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། གྲིབ་གནོན་གྱི་གདོན་རྣམས་དང་། བརྗེད་བྱེད་ཀྱི་གདོན་རྣམས་དང་། གནོན་པོའི་གདོན་རྣམས་དང་། མཁའ་འགྲོ་མའི་གདོན་རྣམས་དང་། ནམ་གྲུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་དུ་འབྲེང་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh592/UT22084-090-036-311#UT22084-090-036-311