ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་ཕྱི་ས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབས་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་བསྲུང་བ་གྱིས་ཤིག །​གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​ཀུན་དུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​ཚངས་པས་བྱས་པའི་རིག་སྔགས་གཅད་དོ། ཕུར་བུས་གདབ་བོ། །​དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​མ་མོའི་ཚོགས་རྣམས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །​ཕུར་བུས་གདབ་བོ། །​བྷྲྀང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh591/UT22084-090-035-354#UT22084-090-035-354