པ་གང་། །​སྡིག་དེ་བཅབ་པར་མི་བགྱིའོ། །​ལུས་ཀྱི་ལས་ནི་རྣམ་གསུམ་དང་། །​ངག་གི་རྣམ་པ་བཞི་དག་དང་། །​ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །​དེ་དག་ཐམས་ཅད་བདག་འཆགས་སོ། །​ལུས་ཀྱིས་བགྱིས་དང་ངག་གི་ལས། །​ཡིད་ཀྱིས་རྣམ་པར་བསམས་པ་དང་། །​ལས་རྣམས་བཅུ་པོ་བགྱིས་པ་དག །​དེ་དག་ཐམས་ཅད་བདག་འཆགས་སོ། །​མི་དགེ་ལས་བཅུ་སྤངས་ནས་སུ། །​དགེ་བ་བཅུ་པོ་བསྟེན་བགྱིས་ལ། །​ས་བཅུ་ལ་ནི་བདག་གནས་ཤིང་། །​སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །​བདག་གིས་སྡིག་པའི་ལས་གང་དག །​མི་འདོད་འབྲས་བུ་ཐོབ་བགྱིད་པ། །​སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །​དེ་དག་ཐམས་ཅད་བཤགས་པར་བགྱི། །​འཛམ་བུའི་གླིང་འདིར་གང་དག་དང་། །​འཇིག་རྟེན་ཁམས་ནི་གཞན་དག་ཏུ། །​གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ་། །​ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །​བདག་གིས་བསོད་ནམས་གང་བསྒྲུབས་པ། །​བདག་ནི་དགེ་བའི་རྩ་བ་དེས། །​བྱང་ཆུབ་མཆོག་ལ་རེག་པར་ཤོག །​སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །​ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །​སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །​སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །​སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །​འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །​ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །​བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །​བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །​སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་། །​སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང་། །​ཞེ་སྡང་གཏི་མུག་མུན་པའི་ཉམ་ང་དང་། །​ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །​བསོད་ནམས་བསྒྲུབ་པ་ཉམ་ང་དག་གིས་ཀྱང་། །​རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་ནི། །​སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །​སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །​ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །​རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །​རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །​གསེར་མདོག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh556/UT22084-089-013-2997#UT22084-089-013-2997