༄༅། །​དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། གནོད་སྦྱིན་གྱི་སྡེ་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། ཨོཾ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧཱ་ནི་སྭཱ་ཧཱ། དན་ཏི་སྭཱ་ཧཱ། ཆོ་ག་འདི་ཆུ་ཁྱོར་བ་གང་བཟླས་པ་བྱས་ཏེ། འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་སྟོན་པར་འགྱུར་རོ། །​རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh460a/UT22084-083-008-75#UT22084-083-008-75