༄༅༅། །​རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷ་མོ་རྣམས་ཀྱིས་ཇི་ལྟར་ཐོབ་པ་དེ་བཞིན་བཞུགས་སོ། །​ལྷ་མོས་གསོལ་པ། འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་དེ་རྣམས་ཐབས་གང་གིས་གདོན། འཁོར་བ་ལྷ་གང་གིས་གང་ལས་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh440/UT22084-081-009-1734#UT22084-081-009-1734