ནུས་ལ། གཞན་ལ་གནོད་པ་མ་བྱས་ཀྱི་བར་དུ་ཡང་ཁྲག་འཕྲལ་དུ་ཕྱུང་བ་རྙེད་པར་མི་ནུས་ཏེ། གལ་ཏེ་འདི་དག་བདག་གི་ཁྲག་གིས་ཁ་ཟས་ཀྱི་དོན་བྱེད་ནུས་ན་ནི་བདག་གིས་འདི་རྣམས་ལ་བདག་གི་ཤ་དང་ཁྲག་སྦྱིན་ནོ་སྙམ་ནས། གནོད་སྦྱིན་དེ་དག་ལ་སྨྲས་པ། གྲོགས་པོ་དག་ངའི་ཁྲག་གིས་ཁ་ཟས་ཀྱི་དོན་བྱེད་ནུས་སམ། གནོད་སྦྱིན་རྣམས་ཀྱིས་སྨྲས་པ། ལྷ་རྔོ་ཐོགས་ལགས་སོ། །​དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་བྱམས་པའི་སྟོབས་ཀྱིས། གནོད་སྦྱིན་དེ་དག་མདུན་དུ་བཀད་དུ་བཅུག་ནས་སྨན་པ་རྣམས་བོས་ཏེ་བཀའ་སྩལ་པ། ཀྭའི་ངའི་ལུས་ལ་གཏར་ཀ་ལྔ་ཐོབ་ཤིག་དང་སེམས་ཅན་འདི་དག་ལ་ཁྲག་གིས་འགྲངས་པར་བྱའོ། །​སྨན་པ་རྣམས་ཀྱིས་གསོལ་པ། བདག་ཅག་གིས་ལྷའི་སྐུ་ལ་མཚོན་གྱིས་གདབ་པའི་རྔོ་མི་ཐོགས་ལགས་སོ། །​དེ་ནས་བྱང་ཆུབ་སེམས་དཔས་བསམས་པ། འདི་དག་ནི་བདག་དང་འབྲལ་བ་མཐོང་མི་འདོད་ཀྱིས་མ་ལ་བདག་གིས་བདག་གི་ཁྲག་དབྱུང་ངོ་སྙམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་ལས་ཀྱི་གནས་ཅི་ལ་ཡང་བྱང་བ་ཡིན་ཏེ། དེས་བདག་ཉིད་ཀྱིས་མེ་ལོང་བླངས་ནས། རང་གི་ལུས་ལ་གཏར་ཁ་ལྔ་བཏབ་སྟེ། གནོད་སྦྱིན་རེ་རེ་ལ་བསྟབས་ནས་ངས་འདི་དག་འགྲངས་པར་མ་གྱུར་གྱི་བར་དུ་གཏར་ཀ་འདི་དག་གཅད་པར་མི་བྱའོ་ཞེས་དམ་བཅས་སོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བྱང་ཆུབ་སེམས་དཔའ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་འདིས་ཀྱང་མཆོག་ཏུ་དཀའ་བ་ཞིག་བརྩམས་ཀྱིས། བྱང་ཆུབ་སེམས་དཔའ་ཧ་ཅང་ཡུན་རིང་དུ་འོ་བརྒྱལ་ན་མི་རུང་ངོ་སྙམ་ནས། མ་ལ་བདག་གིས་འདིའི་ལུས་ཐམས་ཅད་དུ་གཟི་བྱིན་བསྣན་པར་བྱའོ་སྙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའི་ལུས་ཐམས་ཅད་དུ་ལྷའི་གཟི་བྱིན་བསྣན་ནས། གཏར་ཀ་དེ་དག་ཀྱང་ཆེ་རབ་ཏུ་སྤྲུལ་ཏོ། །​བྱང་ཆུབ་སེམས་དཔས་ཀྱང་གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་པོ་དེ་དག་དཀའ་བ་མེད་པར་ཚིམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340/UT22084-073-001-6421#UT22084-073-001-6421