པས་དགོན་གནས་རྟག་ཏུ་བསྟེན་པར་བྱ། །​ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན། །​བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh251/UT22084-066-009-76#UT22084-066-009-76