མེད་པ་ལ་སེམས་ཚད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །​རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་དེ་མཚན་ཉིད་མེད་ཅིང་ངོ་བོ་ཉིད་དང་བྲལ་བར་གཟིགས་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །​རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །​རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་གཞན་གྱི་སེམས་དེ་དག་སྣང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །​རབ་འབྱོར་གཞན་ཡང་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10/UT22084-029-001-12243#UT22084-029-001-12243