སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ། སྨན་དག་དང་ནི་བདེ་ཆེན་དང་། །​རྒྱལ་པོའི་ཁབ་དང་འོད་མའི་ཚལ། །​ཤིང་མཁན་ཡིད་ཙ་ནང་ག་ལ། །​ཀམ་བི་ལ་དང་སྔོན་རྒྱལ་པོའོ། །​གཞོན་ནུ་འཕེལ་དང་ནད་པ་དང་། །​གཏམ་དུ་གྱུར་དང་སྡེར་བསྡུས་སོ། །​སྡོམ་ལ། སྨན་ནི་རྗེས་སུ་གནང་བ་དང་། །​ཚིལ་དང་གཡན་པ་མིག་སྨན་དང་། །​སྨྱོན་པ་དང་ནི་བི་ལིན་ད། །​ནམ་གྲུ་དང་ནི་སྐྱུར་ཁུའོ། །​སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​དེའི་ཚེ་དགེ་སློང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6/UT22084-001-006-7829#UT22084-001-006-7829